祁连县域旅游入选2026中国旅游产业影响力案例
མདོ་ལ་རྫོང་ཁོངས་ཀྱི་གནས་སྐོར་དེ2026ལོའི་ཀྲུང་གོའི་གནས་སྐོར་ཐོན་ལས་ཤུགས་རྐྱེན་ཐེབས་ནུས་ཀྱི་དཔེ་མཚོན་ནང་བདམས་ཐོན་བྱུང་།
ཉེ་ཆར། སྐབས་བཅུ་གསུམ་པའི་ཀྲུང་གོའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ལོ་ཚོགས་དེ་ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཝུའུ་ཏང་ཧྲན་དུ་འཚོགས་ཤིང་། ཚོགས་འདུ་དེའི་ཐོག་སྤྱི་ལོ2026ལོའི་ཀྲུང་གོ་གནས་སྐོར་ཐོན་ལས་ཤུགས་རྐྱེན་ཐེབས་ནུས་ཀྱི་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་རིག་གནས་ལུས་རྩལ་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཕུལ་བའི"རིག་གནས་ཆུ་རྒྱུན་གྱིས་གྲོང་གསེབ་ས་ཞིང་བརླན་པར་བྱས་ནས། མཐོ་སྒང་འབྲོག་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་ཐབས་བསྐྲུན་པ"ཞེས་པའི་དཔེ་མཚོན་དེ་སྤྱི་ལོ2026ལོའི་ས་ཁུལ་རིམ་པའི་དཔལ་འབྱོར་གོང་འཕེལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་བར་ནུས་པ་འདོན་སྤེལ་བྱེད་པའི་དཔེ་མཚོན་ནང་བདམས།
མདོ་ལ་རྫོང་ནི་མཚོ་སྔོན་དང་ཀན་སུའུ་སྐོར་ལམ་ཆེན་མོའི་ལྟེ་བའི་མཚམས་ཚིགས་སུ་གནས་ཤིང་། གངས་རི་འཁྱགས་རོམ་དང་རྩྭ་ཐང་ནགས་ཚལ། ལུང་གཞུང་འདམ་ར་སོགས་མཐོ་སྒང་གི་སྐྱེ་ཁམས་ཐོན་ཁུངས་ལེགས་པོ་མང་པོ་ཡོད། “ཀྲུང་གོའི་མཛེས་ལྗོངས་ཆེས་མཛེས་པའི་རང་འཁོར་བསྐོར་ལམ་ཨང་དགུ་པ”དེ་གཙོ་ཐིག་ཏུ་བྱས་ནས། རྫོང་ཡོངས་ཀྱི་ཡུལ་ཚོ་དྲུག་དང་བཙུན་མོ་དམར་ཡག་མ་སོགས་རིག་གནས་གནས་སྐོར་གྱི་ཐོན་ཁུངས་གཙོ་བོ་རྣམས་སྦྲེལ་མཐུད་ཀྱིས་ལམ་ཐིག་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་པ་སྤོར་བར་སྐུལ་འདེད་བཏང་ཡོད། ད་ལྟའི་བར་དུ་མདོ་ལ་རྫོང་གིས་གནས་སྐོར་གསང་སྤྱོད་ཁང17དང་། 4Cརིམ་པའི་རང་འཁོར་སྒར་ས2 ཞིང་ཆེན་རིམ་པའི་སྒར་ས5བཅས་བསྐྲུན་ཟིན་པ་མ་ཟད། ལྟ་སྟེགས་དང་རླངས་འཁོར་འཇོག་ས། པར་རྒྱག་ས་ཚིགས་སོགས་མཐུན་རྐྱེན་ཆ་འགྲིག་བཞི་བཅུ་ལྷག་བཀོད་སྒྲིག་བྱས་པ་དང་རིན་མེད་རླངས་འཁོར་འཇོག་ས2500ལྷག་ཙམ་ཕྱེས་ཏེ། "གཞུང་ལམ་བདེ་བགྲོད་ཐུབ་པ་དང་ས་ཆ་གང་སར་སྡོད་ཆོག་པ། དུས་ཡུན་ཧྲིལ་བོར་སྤྲོ་འཆམ་བྱེད་ཐུབ་པ"ཞེས་ཆུ་ཚོད་ཕྱེད་ཀའི་རང་འཁོར་ཞབས་ཞུ་ཁུལ་བཏོད་ཡོད།
མདོ་ལ་རྫོང་གིས"མཛེས་ལྗོངས་ཁུལ་གྱིས་ཁྱབ་འགྱེད་བྱེད་པ་དང་། འབྲོག་ལས་གནས་སྐོར་མཉམ་འདྲེས། རིག་གནས་ནུས་པ་སྤྲོད་པ"བཅས་ཕྱོགས་གསུམ་གཞི་གཅིག་གི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ། མུ་མཐུད་དུ་རིག་གནས་གནས་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བཏང་ཡོད། "ཏང་ཀྲི་པུ+མཛེས་ལྗོངས་ཁུལ+སྡེ་བ་ཐུན་མོང+ཞིང་དུད"ཅེས་པའི་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་བཏང་བ་བརྒྱུད། ས་མཐོའི་མེ་ཏོག་ལྡུམ་ར་དང་པར་རྒྱག་རྟེན་གཞི་སོགས་བསྐྲུན་ནས། སྡེ་བ་སྤྱི་ཡོངས་ནས་སྤུས་ཚད་མཐོར་འདེགས་གཏོང་བ་དང་མང་ཚོགས་ཀྱིས་ཉེ་འགྲམ་ནས་ཡོང་འབབ་འཕར་སྣོན་བྱེད་ཐུབ་པ་བྱུང་ཡོད། "རྩྭ་ཐང-གསོལ་ཅོག-ཁྲོམ་ར-ལག་རྟགས"བར་གྱི་བརྒྱུད་རིམ་ཧྲིལ་བོ་ཤར་བགྲོད་ཐུབ་པར་བྱས་པ་དང་། "མཚོ་སྔོན་གསོལ་སྟོན། དྲོད་སྐྱིད་མདོ་ལར་གནས"ཞེས་པའི་ཁྱད་ལྡན་ཟས་རིགས་སྤུས་རྟགས་བཏོད་དེ། ས་གནས་དེ་གའི་ཐོན་རྫས་རྣམས་གནས་སྐོར་འཛད་སྤྱོད་ཁྲོམ་རར་ཞུགས་རྒྱུར་རོགས་རམ་བྱས། འབྲོག་པ་ཚོས་རྩྭ་སའི་ཐོན་ཁུངས་གསར་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཤིང་། འབྲོག་ཁུལ་གྱི་འཚོ་བ་མྱོང་རོལ་རྣམ་གྲངས་བཏོན་པས། སྲོལ་རྒྱུན་ཕྱུགས་ལས་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ། ཡུལ་སྲོལ་གོམས་གཤིས་སྔོག་འདོན་གཏིང་ཟབ་བྱས་ཏེ་གསོན་ཉམས་ལྡན་པའི་ཤུལ་བཞག་རིག་གནས་ས་ཚིགས་བསྐྲུན་པ་དང་། དུས་རྒྱུན་དུ་དམངས་སྲོལ་འཁྲབ་སྟོན་སྤེལ་བ་སོགས་ལས། ཁྱད་ཆོས་ལྡན་པའི་རིག་གནས་ནི་གྲོང་གསེབ་གནས་སྐོར་འགྲན་རྩོད་ནུས་ཤུགས་གཙོ་བོ་རུ་གྱུར་ཡོད།
相关文章
- 抖音旅游行业截流获客全流程:精准抢流量、高效引私域
- 金秋赏红叶|2027京津冀旅游一卡通普通版带您去,这么多景点,总有几个您喜欢去的红叶观赏地
- 京津冀旅游年卡景点对比图,至尊版,工会版,精品版,普通版,畅游版,几个版本对比图,怎么选择合适自己的年卡,一张图说明白
- 甘孜州旅游景区终身门票!一票畅游甘孜州14个A级景区,终身无限次入园
- 承德避暑山庄旅游/承德导游/本地人带外地朋
- 【设计大赛】2026年青海省文创产品和旅游商品创意设计大赛
- 【旅游】吴氏家族,托起高迁古村的发展史
- 办信用卡积哩程享旅游回馈 但选错方案很容易就卡住
- 退休最该做的5件事,旅游才排第4
- 扒拉扒拉“张怀桂世界级旅游廊道”,始作俑
发表评论
评论列表
- 这篇文章还没有收到评论,赶紧来抢沙发吧~