旅荐网

您现在的位置是:首页 > 国内旅游目的推荐 > 正文

国内旅游目的推荐

旅行指南·噶举第一寺达拉岗布的历史与功德略说(藏汉双语)གནས་སྐོར་ཟིན་ཐོ།དྭཊ་ལྷ་སྒམ་པོ།

admin2026年08月11日 18:05:14国内旅游目的推荐5
旅行指南·噶举第一寺达拉岗布的历史与功德略说(藏汉双语)གནས་སྐོར་ཟིན་ཐོ།དྭཊ་ལྷ་སྒམ་པོ།

(达拉岗布寺དྭགས་ལྷ་སྒམ་པོ་དགོན།)

噶举派最古老的祖庭,除了卓沃龙寺,达拉岗布寺也是最古老的寺之一。如果从比丘僧团的角度来讲的话,达拉岗布是噶举第一寺。

བཀའ་བརྒྱུད་པའི་དགོན་རྙིང་ཀུན་གྱི་ཕྱི་མོ། ལྷོ་བྲག་གྲོ་བོ་ལུང་མ་གཏོགས་པའི་དགོན་པ་ཀུན་ལས་དྭགས་ལྷ་སྒམ་པོ་ནི་ཆེས་སྔ་བ་དེ་རེད།  དེ་ལས་ཀྱང་དགེ་འདུན་གྱི་སྡེ་བཙུགས་པའི་བཀའ་བརྒྱུད་དགོན་པ་ཀུན་ལས་ཆེས་ཐོག་མ་དེ་རེད།


它的建设者岗波巴大师,徒子徒孙无数。

དགོན་ཕྱག་འདེབས་པ་པོ་ནི་སྒམ་པོ་པ་རེད་ཁོང་ལ་སློབ་མ་ཡང་སློབ་བགྲང་ལས་འདས།

比如绰普噶举,噶玛噶举,帕竹噶举、巴荣噶举,才巴噶举,直贡觉巴仁波切等等,整个噶举几乎都是他的弟子或者弟子的弟子。

དཔེར་ན་ཁྲོ་ཕུ་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། ཕག་གྲུ་བཀའ་བརྒྱུད། འབའ་རོམ་བཀའ་བརྒྱུད། ཚལ་ོ་བཀའ་བརྒྱུད། འབྲི་གུང་སྐྱོབ་པ་རིན་པོ་ཆེ་སོགས་མང་། ཕལ་ཆེར་བཀའ་བརྒྱུད་ཡོངས་རྫོགས་ཀྱི་བསྟན་པ་ནི་ཁོང་དང་ཁོང་གི་སློབ་མ་ཡང་སློབ་རྣམས་ཀྱིས་སྲོལ་ཕྱེས་ཡོང་པར་སྣང་།

在大藏经中,有一部经称《圣一切法自性平等离戏三摩地王大乘经》,是佛陀授记岗波巴大师的经文。བཀའ་འགྱུར་དུ་མདོ་ཏིང་འཛིན་རྒྱལ་པོ་ལས་སྒམ་པོ་པ་ལུང་དུ་བསྟན།

这部佛经里有一位菩萨称月光童子,就是岗波巴大师的前世。岗波巴大师还是在家人的时候,是一位富有的医生,俗名人称达波拉杰索南仁钦(拉杰是医生的称呼)。 

མདོ་སྡེ་དེར་བྱུང་བའི་བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུ་ནི་ཁོང་གི་སྐྱེ་བ་སྔ་མ་དེ་རེད། ཁོང་སྔ་མ་ཁྱིམ་དུ་སྡོད་དུས་ལྷ་རྗེ་འབྱོར་ཕྱུག་དང་ལྡན་པ་ཞིག་རེད།

མཚན་ལ་བསོད་ནམས་རིན་ཆེན་ཟེར།

这对在家夫妻感情甚笃,妻子久病但因留恋丈夫达波拉杰的缘故,虽然病重人如同皮包骨,但依然很长时间没有往生,达波拉杰最终得知妻子不愿往生,是因为留恋自己的缘故后,他答应了妻子,自己日后绝不再娶,将会剃度出家前往噶当派的大师们坐下学习。

ཁོང་དང་ཁོང་གི་ཁྱིམ་ཐབ་གཉིས་བརྩེ་བ་ཟབ། རྗེས་སུ་ཁོང་གི་ཆུང་མ་ནད་དྲག་པོས་ཟིན་སྟེ་ལུས་པོ་རུས་གོང་ལྟར་གྱུར་ནས་ཤི་ཐག་ཆོད་ཀྱང་། ཡུན་རིང་པོའི་བར་དུ་མ་ཤི་བས་ཁོང་གིས་དྲིས་པས་ཆུང་མ་ནི་ཁོང་ལ་ཞེན་དྲག་པས་ཡིན་ཟེར། དེར་ཁོང་གིས་མོ་རང་འདས་རྗེས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་ཁས་བླངས།  ཆུང་མ་འདས་རྗེས་ཁོང་བཀའ་གདམས་པའི་བླ་མ་ལས་རབ་ཏུ་བྱུང་ཞིང་ཆོས་ལ་བརྩོན་པ་ཆེན་པོ་བསྐྱེད།

后来在转佛塔时,达波拉杰听闻米拉日巴化身的乞丐们聊天,机缘和合下,得知了米拉日巴大师的名号。于是他请师开许前往米拉日巴大师座下学习密法,噶当派上师同意了他去前往米拉日巴大师座下去求学密法,但有一要求,是其终身要以比丘相度过一生,达波拉杰答应了上师的条件后就前往聂拉木拜师。
ཉིན་ཞིག་ཁོང་གིས་མཚན་མོར་དགོན་འགྲམ་གྱི་མཆོད་རྟེན་བསྐོར་སྐབས། མི་ལ་རས་པའི་སྤྲུལ་བའི་སྤྲང་པོ་འགས་གླེང་མོ་བྱེད་པ་ལས་མི་ལ་རས་པ་ཐོས། ཁོང་གིས་བཀའ་གདམས་བླ་མར་གནང་བ་ཞུས་པ་ན་བླ་མས་ཁྱོད་ཀྱིས་མི་ལ་རས་པ་ལས་གསང་སྔགས་ཀྱི་གདམས་པ་ཟབ་མོ་ཞུས་ན་ཆོག་མོད། སྤྱོད་པ་འདུལ་ཁྲིམས་སྤང་མི་ཆོག་པར་བཀའ་ནན་བསྒྲགས། ཁོང་གིས་ཁས་བླངས་རྗེས་མི་ལ་རས་པ་བསྟེན་དུ་གཉའ་ནང་དུ་བྱོན།

就这样,岗波巴大师在米拉日巴座下几个月内求法圆满后得到了授记---未来他将在一处国王坐在宝座一样的山,或者是神仙跳舞一样的山上住下来,并弘扬佛法的修行教规。这个授记说的地方就是达拉岗布神山。

འདི་ལྟར་དུ་སྒམ་པོ་པས་ཟླ་བ་འགའ་ཞིག་གི་ནང་དུ་མི་ལའི་གདམས་པ་རྫོགས་པར་ཐོབ། ཁོང་ཕྱིར་བྱོན་ཁར་མི་ལས་ཁྱོད་ནི་རྒྱལ་པོ་གདན་དུ་བཞུགས་འདྲའི་རིའམ་ལྷ་བྲན་གར་བྱེད་ཀྱི་རི་བོ་རུ་སོང་ནས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟུངས་ཤིག་དང་། བསྟན་པ་ཉི་མ་བཞིན་དུ་གསལ་བར་འགྱུར་ཅེས་ལུང་བསྟན། གནས་དེ་ནི་དྭགས་ལྷ་སྒམ་པོ་རེད།

(此神山山神住处འདི་ནི་གནས་འདིའི་སྒོ་སྲུང་རེད།)

达拉岗布神山是藏地最古老的九大神山之一,山形非常壮观。即使现在我们前往朝拜的话,依然会感叹这座山极其高,山路十八弯很难走。当时岗波巴大师建寺之时,并没有走现在这条路,而是从后山特别狭小危险的悬崖那面爬上来的,那条路被称为袈裟路。看到这座山的话,真的很难想象当年岗波巴大师是如何爬上来的。

དྭགས་ལྷ་སྒམ་པོ་ནི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཡིན། རི་བོ་རྔམ་བརྗིད་ལྡན་ལ། འདིར་སླེབས་ཚེ་ཁྱོད་རང་ལ་ཕྱོགས་བཞིའི་རི་བོས་དྭགས་ལྷ་སྒམ་པོར་ཕྱག་འཚལ་བའི་སྣང་བ་སྟེར།  རི་ལམ་གྱག་གྱོག་ཤིན་ཏུ་རིང་བ་ཞིག་ཡོད། དྭགས་པོ་ལྷ་རྗེ་ཉིད་དྭགས་ཕྱོགས་སྟོད་སྨད་དུ་སྒྲུབ་པ་བསྐྱངས་ནས་རི་འདིའི་རྒྱབ་ཟུར་གྱི་ཆོས་གོས་བརྐྱང་ལམ་ཞེས་པའི་གཡང་ས་དེ་ནས་དགོན་འདིར་བྱོན།  དེ་ནི་ལྷག་པར་བསམ་ཡུལ་ལས་འདས་པ་ཞིག་གོ།

后来在那个年代,很多从甘肃和青海四川等很多不同地方的徒弟前来拜岗波巴为师。

གནའ་སྔ་མོར་ཕྱོགས་བཞི་མཚམས་བརྒྱད་ཀྱི་སློབ་མ་མང་པོ་ཁོང་གི་གམ་དུ་འདུས། དེང་གི་ཀན་སུའུ་དང་མཚོ་སྔོན་སི་ཁྲོན་ཡུན་ནན་སོགས་སོ།།

(中间是乌金莲花帽山ཨོ་རྒྱན་པད་ཞྭ།)

岗波巴的徒子徒孙里,很多有三人这样的组队成就者。
ཁོང་གི་སློབ་མ་རྣམས་སུ་མི་གསུམ་ལས་གྲུབ་པའི་གྲགས་པ་ཅན་ཤིན་ཏུ་མང་།

比如当中的成就者康巴三人,说的是以帕莫竹巴大师为主的三个康巴徒弟,当时这三人在达拉岗布赫赫有名,他们在一个荟供日享用了酒,但是原本比丘的身份是不能喝酒的,于是达拉岗布寺的戒尺喇嘛在全体僧众面前,由僧团同意后,决定将三位康巴大师赶出寺院。
དཔེར་ན་གྲུབ་ཐོབ་ཁམས་པ་མི་གསུམ་རེད། ཕག་མོ་གྲུ་པ་གཙོས་པའི་ཁམས་པ་མི་གསུམ་རེད། ཁོང་རྣམས་ཀྱིས་མཁའ་འགྲོ་འདུ་ཚེས་ཞིག་ལ་ཚོགས་འཁོར་ཕུལ་ནས་ཚོགས་ཆང་བཞེས། གསུམ་ཀ་དགེ་སློང་ཡིན་པས་དགེ་འདུན་གྱི་ཁྲིམས་དང་འགལ་བས་དགེ་བསྐོས་ཀྱིས་དགེ་འདུན་ཚོགས་པའི་དབུས་སུ་གནས་དབྱུང་གཏོང་བར་གྲ་སྒྲིགས་བྱས། 


这时康巴三人各自示显神通,留下了很多奇迹。事情惊动了岗波巴大师后,大师在山上唱道歌让戒尺喇嘛不要赶走三位康巴成就者,并且劝请三位大师留在达拉岗布寺,还写了一首“请上来吧”的道歌😄,这个道歌至今没有消失,依旧在岗波巴大师的传记和三位康巴大师有关的书中记载着。
དེ་ཚེ་ཁོང་གསུམ་གྱིས་གྲུབ་རྟགས་སྣ་ཚོགས་བཞག།  ཁོང་རྣམས་དགོན་པ་ལུས་ཕུད་པའི་གཏམ་དེས་སྒམ་པོ་པ་ཉིད་ཀྱང་སྒྲུབ་ཁང་ལས་ཕྱིར་ཡོང་ནས་ཡར་ལ་ཕེབས་ཤོག་ཅེས་གྲུབ་ཐོབ་ཁམས་པ་མི་གསུམ་གནས་འདིར་བསྡད་ཆོག་པའི་དབུགས་དབྱུང་ཐོབ།གནས་ཚུལ་དེ་སྒམ་པོ་པ་དང་ཁམས་པ་མི་གསུམ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་མཐོང་དུ་ཡོད་དོ།།

岗波巴大师的徒弟---帕莫竹巴多杰嘉波在达拉岗布寺时,在山上有一位金刚亥母化身的女孩,后来女孩早年夭折了,她的颅骨被帕莫竹巴大师用来修行。后来的朗日大师---大肚子贝玛多杰,成为了帕莫竹巴大师的徒弟,竹巴噶举大眼睛臧巴嘉热大师成为了帕莫竹巴的徒孙,所以他们都是岗波巴的传承。
ཕག་གྲུ་རྡོ་རྗེ་རྒྱལ་པོ་དགོན་འདིར་སྒྲུབ་པ་བསྐྱངས་ཚེ་གནས་འདིར་རྡོ་རྗེ་ཕག་མོའི་སྤྲུལ་བའི་བུད་མེད་ཅིག་ཡོད་ཅིང་། ཁོང་ན་ཚོད་གཞོན་པའི་སྐབས་འཇིག་རྟེན་ཕ་རོལ་ཏུ་ཆས།མོའི་ཐོད་པ་དེ་རྗེས་སུ་ཕག་གྲུའི་སྒྲུབ་རྟེན་དུ་བཟུང་། གླིང་རས་པདྨ་རྡོ་རྗེ་མཆོག་ཀྱང་ཁོང་གི་སློབ་མར་གྱུར། གཙང་པ་རྒྱ་རས་ཕག་གྲུའི་ཡང་སློབ་དང་སྒམ་པོའི་ཡང་སློབ་ཀྱི་ཡང་སློབ་ཏུ་གྱུར། 


还有直贡觉巴仁波切,达隆噶举,亚桑噶举,玛巴噶举,还有噶陀寺的创建者噶当巴德协也是岗波巴的徒弟,第一世噶玛巴也是岗波巴大师的徒弟。 
ད་དུང་འབྲི་གུང་དང་སྟག་ལུང་། གཡའ་བཟང་། སྨར་པ་བཀའ་བརྒྱུད་སོགས་སློབ་བརྒྱུད་མང་། མ་ཟད་དཔེར་ན་ཀཿ  ཐོག་པའི་དམ་པ་བདེ་གཤེགས་ཀྱང་ཁོང་གི་སློབ་མ་ཡིན། ཀརྨ་སྐུ་ཐོག་དང་པོ་ཡང་ཁོང་གི་སློབ་མ་རེད།


岗波巴大师还有一个名字叫赞朗扎巴,意思是扬名南瞻部洲。他也的的确确做到了。
དྭགས་པོའི་མཚན་གཞན་ལ་འཛམ་གླིང་གྲགས་པ་ཡང་ཟེར། དེ་ནི་དོན་དང་ལྡན་པར་ད་ལྟའི་བར་དུ་ཁོང་གི་སློབ་བརྒྱུད་ཀྱིས་མཚན་སྙན་འཛམ་གླིང་དུ་ཁྱབ།


宁玛派的伏藏大师中噶玛林巴在达拉岗布神山的山顶中取出《文武百尊中阴闻解脱法》,贾村宁波大师在此地取藏了莲师修法
རྙིང་མའི་གཏེར་སྟོན་རྣམས་ལས་ཀརྨ་གླིང་པས་གནས་འདི་ནས་ཀར་གླིང་ཞི་ཁྲོ་ཅེས་མཚན་སྙན་འབྲུག་སྒྲ་བཞིན་གྲགས་པ་དེ་ཡང་གནས་འདི་ནས་སྤྱན་དྲངས།འཇའ་ཚོན་སྙིང་པོས་ཀྱང་གནས་འདི་ནས་གཏེར་བཞེས།


北伏藏第三世色桑祖古云莫丹增诺布的弟弟,是达拉岗波寺的主持,名叫岗波夏多诺布,他的传记是由哥哥云莫巴所写的。
བྱང་གཏེར་གསེར་བཟང་སྐུ་ཕྲེང་གསུམ་པ་བསྟན་འཛིན་ནོར་བུའི་གཅུང་སྒམ་པོ་ཕྱག་རྡོར་ནོར་བུ་ཟེར་བ་དེ་ཡང་དགོན་འདིའི་སྐབས་ཐོག་དེའི་བསྟན་བདག་ཡིན།


达拉岗布寺中的达贡慈诚宁波,是噶陀仁珍才旺诺布伏藏大师前世中的一位,是岗波巴大师哥哥的儿子,也是一位大手印的成就者。
དྭགས་སྒོམ་ཚུལ་ཁྲིམས་སྙིང་པོ་ཟེར་བ་དེ་ནི་སྒམ་པོ་པའི་གཅེན་གྱི་བུ་དང་རིག་འཛིན་ཚེ་དབང་ནོར་བུའི་སྐུ་སྐྱེ་སྔ་མ་ཞིག་རེད། ཁོང་ནི་ཕྱག་ཆེན་གྱི་གྲུབ་ཐོབ་ཆེན་པོ་ཞིག་ཡིན་ནོ།།

如来芽大师也曾来到过达拉岗布寺,他刚来的时候,别人给他供养了七十多只羊,如来芽把羊群托付给了山下的一户人家,大师在山上修行,后来如来芽从达拉岗布寺再前往扎日神山修行。
འཇིགས་མེད་རྒྱལ་བའི་མྱུ་གུ་དྭགས་ལྷ་སྒམ་པོ་མཇལ་དུ་འོང་དུས་གཞན་གྱིས་ཁོང་ལ་ཕུལ་བའི་ལུག་རྣམས་རི་འདབས་ཀྱི་མི་ཚང་ཞིག་ལ་བཅོལ། དེ་ནས་ཁོང་འདིར་གནས་མཇལ་དང་སྒྲུབ་པར་གཞོལ་ནས་ཙཱ་རིའི་ཕྱོགས་སུ་བྱོན།


第一世多智钦晋美成列奥色(无畏事业光)也在达拉岗布寺求学大手印法待了六七年,所以后来他的文集里面有米拉日巴的上师瑜伽等噶举派的修法。
འཇིགས་མེད་ཕྲིན་ལས་འོད་ཟེར་ཐོག་མར་བཀའ་བརྒྱུད་པའི་ཕྱག་ཆེན་ཞུས་སྟེ་གནས་འདིར་ལོ་དྲུག་བདུན་ཙམ་དུ་བཞུགས།  ཁོང་གི་བཀའ་འབུམ་དུ་མི་ལའི་སྒྲུབ་སྐོར་བཞུགས།


另外,噶陀仁珍才旺诺布大师的文集里,提到过噶陀的传承修法是玛尔巴噶举和宁玛巴的修法结合在一起的传承。这是写着写着,想起来顺带提起的一个片段。
གཞན་དུ་རིག་འཛིན་ཚེ་དབང་ནོར་བུས། ཀཿཐོག་ལའི་བསྟན་པ་ཡང་མར་པ་བཀའ་བརྒྱུད་དང་སོ་ཟུར་གནུབས་ཀྱི་རིང་ལུགས་ཟུང་འབྲེལ་ཡིན་པས་བསྟན།

现在的达拉岗布寺,依然可以看到莲师莲花帽山。大殿里有岗波巴大师的脚印、岗波巴大师的徒弟---最早前往隆子县旧扎日神山的吉沃益西多杰大师取藏的自生无量寿佛佛像等等。

ད་ལྟའི་དྭགས་ལ་སྒམ་པོར་གུ་རུའི་དབུ་ཞྭའི་དབྱིབས་ཚུགས་ཀྱི་རི་བོ་ད་དུང་མཇལ་དུ་ཡོད།  སྒམ་པོའི་སློབ་མ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་བླ་མའི་བཀའ་བཞིན་ཙཱ་རིའི་གནས་སྒོ་འབྱེད་པར་ཆས། ཁོང་གིས་ཙཱ་རིར་བཞེས་པའི་ཚེ་དཔག་མེད་དགོན་འདིར་ད་དུང་བཞུགས།

(新扎日神山是由直贡觉巴仁波切的三徒弟纽、杰瓦拉朗巴大师、噶敦曲当大师、华钦曲叶三位大师开启的。这里做一点说明。ཙཱ་རི་གསར་མ་འབྲི་གུང་སྐྱོབ་པའི་སློབ་མ་གཉོས་མགར་ཆོས་གསུམ་གྱིས་ཕྱེས། གཉོས་རྒྱལ་བ་ལྷ་ནང་པ། མགར་སྟོན་ཆོས་སྡིངས་པ། དཔལ་ཆེན་ཆོས་ཡེ་བཅས།)

离开达拉岗布神山时的美丽彩虹🌈


一些关于达拉岗布的历史和功德文的略说。对此圣地有大信心的女孩德钦玉珍写于2026.8.9。于加查县。

发表评论

评论列表

  • 这篇文章还没有收到评论,赶紧来抢沙发吧~